最新公告
转载青海湖网:རྒྱལ་ཡོངས་བོད་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་་

转载青海湖网:རྒྱལ་ཡོངས་བོད་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་་

发布时间:2016-10-17 18:27:20 点击数:
  རྒྱལ་ཡོངས་བོད་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས་པ།
  སྤྱི་ཟླ10ཚེས12ཉིན་གྱི་ཆུ་ཚོད9:30ཐོག སྐབས་བདུན་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་བོད་སྨན་ཁང་གི་ཐོག་བརྩེགས་ལྔ་བའི་ནུས་མང་ཚོམས་ཆེན་དུ་འཚོག་འགོ་ཚུགས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲེང་དང་། པེ་ཅིང་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་འགན་འཛིན་ཀྲུའུ་ཡ་ཁྲུང་སོགས་ཟབ་སྦྱོང་འཛིན་གྲུའི་འགོ་ཚུགས་མཛད་སྒོ་ཐོག་ཕེབས་ཡོད་པ་རེད། ཐེངས་འདིའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་སྨན་པ་གྲགས་ཅན་དགེ་རྒན་ཏིང་འཛིན་ལགས་གདན་ཞུ་གནང་སྟེ《སྨན་དཔྱད་ཟླ་རྒྱལ》གྱི་སྐོར་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ནི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། པེ་ཅིང་བཅས་ས་ཁུལ་བདུན་གྱི་མི150ལྷག་ཡོད་པ་རེད། གཞན་ད་དུང་ཟབ་སྦྱོང་འཛིན་གྲྭའི་ཡུལ་དངོས་སུ་འབྱོར་མ་ཐུབ་པ་ཚོས་དྲ་རྒྱའི་སྐུད་ཐོག་ནས་གསོ་སྦྱོང་སློབ་ཁྲིད་ལ་ཉན་གྱི་ཡོད་པ་རེད།



相关新闻
网页对话
live chat